About Monastery

༈ སྐུར་སྟོད་སྨད་མཚོ་ཁྱི་ཉལ་ལྷ་ཁང་གི་ལོ་རྒྱུས།༼གཏམ་སྙན་ལྷ་ཁང་༽

དུས་རབ་ཧེ་མ་ བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་པའི་དུས་སུ་འབྲུག་བུམ་ཐང་བྱམས་པ་ལྷ་ཁང་དང་སྤ་གྲོ་སྐྱེར་ཆུ་ལྷ་ཁང་རྣམས་བཞེངས་ཕྱིར་ས་བླངས་ཀྱི་མཛད་སྒོའི་རྟེན་འབྲེལ་གནང་རྒྱུའི་ལོ་རྒྱུས་ཐོས་པས་སྐུར་སྟོད་སྨད་མཚོ་དེར་ཡང་གོང་གི་ལྷ་ཁང་ལ་སོགས་པའི་ས་བླངས་བའི་ཉིན་མོར་ས་བླངས་མཛད་ཅིང་ལྷ་ཁང་བཞེངས་པས་ན་ལྷ་ཁང་དེའི་མཚན་ཡང་གཏམ་སྙན་ལྷ་ཁང་ཞེས་མཚན་གསོལ་ཞིང་ཡོངས་སུ་གྲགས་པ་ལགས། འོན་ཀྱང་ཕྱིས་སུ་ལྷ་ཁང་དེའི་མིང་ལ་ཁྱི་ཉལ་ལྷ་ཁང་ཞེས་གྲགས་པ་ནི་ལྷ་ཁང་དེའི་ཉེ་འགྲམ་དུ་ཁྱི་ཉལ་ཞེས་པའི་ཡུལ་གྲོང་ཞིག་འདུག་པ་དེའི་མིང་ལྷ་ཁང་གི་མཚན་དུ་ཆགས་ཡོད་པར་གྲགས། ལྷ་ཁང་དེ་བཞེངས་པ་ནས་བཟུང་སྟོང་ཕྲོང་དང་གོར་ཚོམ་ཡུལ་གྱི་མི་མང་གིས་བདག་ཏུ་བཟུང་ཞིང་ལོ་བསྟར་འབྲུག་ཟླ་བཅུ་པའི་ཚེས་བཅོ་ལྔའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་བཙན་འཆམས་སམ་རྟ་འཆམས་གནང་སྟེ་ཁྱི་ཉལ་ལྷ་ཁང་རམ་མདའ་ཞེས་རྩིས་སྲོལ་ཡོད་པ་དང་། མི་དབང་འབྲུག་རྒྱལ་བཞི་པ་ལྷ་ཁང་དེར་འབྱོན་སྐབས་བཀའ་འགྱུར་ཀློག་དགོས་པའི་བཀའ་ཕེབས་པ་བཞིན་རྒྱལ་བའི་བཀའ་འགྱུར་ཆེན་མོ་ལོ་བསྟར་ཀློག་བཞིན་ཡོད་པ་དང་ཁྱད་པར་ཉེ་འཁོར་གྱི་གྲོང་མི་རྣམས་ཀྱི་འདི་ཕྱིའི་སྐྱབས་རྟེན་ཞུ་ས་གཙོ་བོ་ཞིག་ལགས་སོ།།

Message From H.E. Bairo Rinpoche

To all Affluent Male and Female Buddha Dharma Benefactors,
Jamyang Tenzin Namgyel, a true reincarnation of venerable Lama Pema Chewang Rinpoche who was a lineage holder of victorious Ngagyur Kathok Tradition had successfully completed the listening, meditation and contemplation. Though he earnestly wishes to construct new monasteries, monastic colleges, schools, etc., in order to restore victorious Kathok Tradition, is faced with an inadequate fund and resources. It would be grateful if you, donors of male and female devotees could give help to the extent possible.
Issued by Bairo Tulku on the 28th January.

Brief information about Monastery and Tulku